回到过去 作词 : 拉巴加 作曲 : 三智才让 编曲:王冬东 录音:巴·阿普 后期:巴·阿普 三智才让: དྲན་ནས་ནམ་མཁར་བལྟ་དུས།། མཁའ་ནས་ཟླ་བ་མཐོང་ཡོང་།། ཟླ་བ་མཚོ་ནང་ཤར་དུས།། ཟླ་གསལ་ལྷ་མོ་དྲན་ཏེ།། སྨྲེང་བའི་གཞས་འདི་ཤོར་སོང་།། ན་ནིང་སྟོན་གྱི་དུས་སུ།། ཁྱོད་རང་ཁྲུང་ཁྲུང་བཞིན་དུ།། ཡུལ་ལ་ལོག་སྟངས་བསམ་ན།། སེམས་ནང་དགུན་ཁ་ཤར་ནས། འཁྱག་རོམ་ད་དུང་ཞི་མེད།། བརྩེ་དུང་མིག་ཆུ་སྐམ་མེད།། 才让拉加: ཁྱེད་ཀྱི་གླུ་སྐད་དྭངས་མོ།། ཁྱེད་ཀྱི་བརྩེ་དུང་ཟབ་མོས།། ང་རང་སྡུག་ལ་གཏད་དེ།། ཕྱིར་ལ་འགྲོ་དོན་ཅི་ཡིན།། ད་ལྟ་གང་དུ་བུད་སོང་།། ད་ནས་ཕྱིར་ལ་ལོག་ཤོག། བརྩེ་བའི་འཛུམ་མདངས་སྟོན་ཤོག། རྨི་ལམ་མཉམ་དུ་རྨི་ཆོག། འཚོ་བ་མཉམ་དུ་རོལ་ཆོག། མ་འོངས་བདེ་སྐྱིད་ཁྱོད་ཡིན།། མི་ཚེའི་དམིགས་འདུན་ཁྱོད་ཡིན།། 三智才让: དྲན་ནས་ནམ་མཁར་བལྟ་དུས།། མཁའ་ནས་ཟླ་བ་མཐོང་ཡོང་།། 才让拉加: ཟླ་བ་མཚོ་ནང་ཤར་དུས།། ཟླ་གསལ་ལྷ་མོ་དྲན་ཏེ།། 合: སྨྲེང་བའི་གཞས་འདི་ཤོར་སོང་།། ན་ནིང་སྟོན་གྱི་དུས་སུ།། ཁྱོད་རང་ཁྲུང་ཁྲུང་བཞིན་དུ།། ཡུལ་ལ་ལོག་སྟངས་བསམ་ན།། སེམས་ནང་དགུན་ཁ་ཤར་ནས། འཁྱག་རོམ་ད་དུང་ཞི་མེད།། བརྩེ་དུང་མིག་ཆུ་སྐམ་མེད།། བརྩེ་དུང་མིག་ཆུ་སྐམ་མེད།།