万里寻艺主题歌 作词 : 多智合 作曲 : 三智才让 ལམ་ལ་ཆས། ས་འོག་ཏུ་ལུས་པའི་གསེར་དུམ་བུ་རེ་འཚོལ་ཆེད། ལམ་ལ་ཆས། མུན་ནག་ཏུ་ལུས་པའི་གསེར་དུམ་བུ་རེ་འཚོལ་ཆེད། ཁྱེད་རང་གང་ན་ཡོད། ངས་འཚོལ་བཞིན་པའི་མི། ཁྱེད་རང་གང་ན་ཡོད། ངས་འཚོལ་དགོས་པའི་མི། ནམ་མཁའ་ལ་བལྟས་ནས། སྤྲིན་པ་རེ་རེར་ངས་ཁྱེད་རང་གང་ན་ཡོད་པ་དྲིས། སྤང་ལྗོངས་ལ་བལྟས་ནས། མེ་ཏོག་རེ་རེར་ངས་ཁྱེད་རང་གང་ན་ཡོད་པ་དྲིས། ཁྱེད་རང་གང་ན་ཡོད། ངས་འཚོལ་བཞིན་པའི་མི། ཁྱེད་རང་གང་ན་ཡོད། ངས་འཚོལ་དགོས་པའི་མི། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ནས། ངས་ཁྱེད་རང་མཐོང་བྱུང་། སེར་པོ་གསེར་གྱི་གར་སྟེགས་དབུས་ནས། ངས་ཁྱེད་རང་རྙེད་བྱུང་། ཁྱོད་ནི་གངས་རི་ཡི་འདབས་ན་ཡོད། མེ་ཏོག་གི་གསེབ་ན་ཡོད། ཁྱོད་ནི་རྩྭ་ལྗང་གི་ཁུག་ན་ཡོད། ལུག་ཁྱུ་ཡི་མཐའ་ན་ཡོད། ཁྱོད་ནི་ནོར་ནག་གི་ལྷས་ན་ཡོད། སྦྲ་རོག་རོག་གི་མདུན་ན་ཡོད། ཁང་སྐྱ་ལེབ་ཀྱི་ནང་ན་ཡོད། གསེར་མདོག་གི་ཞིང་ཚིགས་བར་ན་ཡོད། ཁྱོད་ནི་དུང་མདོག་གི་སེམས་པའི་དཀྱིལ་ན་ཡོད། ད་དུང་འགྲོ། ས་རྡུལ་གྱིས་མནན་པའི་གསེར་དུམ་བུ་རེ་འཚོལ་ཆེད། ད་དུང་འགྲོ། དྲི་མག་གིས་གཡོལ་བའི་གསེར་དུམ་བུ་རེ་འཚོལ་ཆེད། ཁྱེད་རང་གང་ན་ཡོད། ངས་རྙེད་མེད་པའི་མི། ཁྱེད་རང་གང་ན་ཡོད། ངས་རྙེད་དགོས་པའི་མི། གཙང་བོ་ཡི་ངོགས་ནས། རླབས་དཀར་རེ་རེར་ངས་ཁྱེད་རང་གང་དུ་ཡོད་པ་དྲིས། ནགས་ཚལ་གྱི་ཁྲོད་ནས། ལོ་མ་རེ་རེར་ངས་ཁྱེད་རང་གང་ན་ཡོད་པ་དྲིས། ཁྱེད་རང་གང་ན་ཡོད། ངས་རྙེད་མེད་པའི་མི། ཁྱེད་རང་གང་ན་ཡོད། ངས་རྙེད་དགོས་པའི་མི། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ནས། ངས་ཁྱེད་རང་མཐོང་བྱུང་། སེར་པོ་གསེར་གྱི་གར་སྟེགས་དབུས་ནས། ངས་ཁྱེད་རང་རྙེད་བྱུང་། ཁྱོད་ནི་གངས་རི་ཡི་འདབས་ན་ཡོད། མེ་ཏོག་གི་གསེབ་ན་ཡོད། ཁྱོད་ནི་རྩྭ་ལྗང་གི་ཁུག་ན་ཡོད། ལུག་ཁྱུ་ཡི་མཐའ་ན་ཡོད། ཁྱོད་ནི་ནོར་ནག་གི་ལྷས་ན་ཡོད། སྦྲ་རོག་རོག་གི་མདུན་ན་ཡོད། ཁང་སྐྱ་ལེབ་ཀྱི་ནང་ན་ཡོད། གསེར་མདོག་གི་ཞིང་ཚིགས་བར་ན་ཡོད། ཁྱོད་ནི་དུང་མདོག་གི་སེམས་པའི་དཀྱིལ་ན་ཡོད། ཁྱོད་ནི་དུང་མདོག་གི་སེམས་པའི་དཀྱིལ་ན་ཡོད།,