情歌(Cover:才让东珠) ཁ་བ་ལུང་པའི་བུ་མོ་སྒྲོལ་མ་ལགས། ཁྱེད་ནི་བཅོ་ལྔའི་ཟླ་བ་ནང་བཞིན། ཅི་འདྲའི་བློར་ཡག་པོ་སོང་ན་ཡང་། ཁྱོད་ལ་སེམས་པ་གང་འདྲ་ཞིག་ཡོད། ང་ལ་གསུང་རོགས་གནངས། བུ་ཆུང་ཚེ་རིང་ལགས། བུ་ཆུང་ཚེ་རིང་ལགས། བུ་མོ་སྒྲོལ་མ་ལགས། ཤོག་དཀར་གྱི་ཐང་ལ་བྲིས་པ། དེ་འདྲའི་མཛེས་སྡུག་པོ་མེད་ཀྱང་། བརྩེ་བ་དངུལ་ལ་གཞལ་བའི་སེམས་པ་ང་ལ་མེད། ~ ཁ་བ་ལུང་བའི་བུ་ཆུང་ཚེ་རིང་ལགས། ཁྱོད་ནི་རྨི་ལམ་ནང་དུ་འཁོར་བ། ཅི་འདྲའི་བློར་ཡིད་དུ་འོང་ན་ཡང་། ཁྱོད་ལ་སེམས་པ་གང་འདྲ་ཞིག་ཡོད། ང་ལ་གསུང་རོགས་གནངས། བུ་མོ་སྒྲོལ་མ་ལགས། བུ་མོ་སྒྲོལ་མ་ལགས། བུ་ཆུང་ཚེ་རིང་ལགས། རྨི་ལམ་གྱི་ནང་དུ་འཁོར་བ། དེ་འདྲའི་སྙིང་རྗེ་བོ་མེད་ན་ཡང་། དུངས་བ་ཞག་གཅིག་མིན་པའི་སེམས་པ་ང་ལ་ཡོད། ~ ཁ་བ་ལུང་པའི་བུ་མོ་སྒྲོལ་མ་ལགས། ཁྱོད་ཀྱི་གཞས་སྐད་སེམས་ལ་སོང་བ། ཅི་འདྲའི་སྙན་འཇེབས་པོ་ཡོད་ན་ཡང་། ཁྱོད་ལ་སེམས་པ་གང་འདྲ་ཞིག་ཡོད། ང་ལ་གསུང་རོགས་གནངས། བུ་ཆུང་ཚེ་རིང་ལགས། བུ་ཆུང་ཚེ་རིང་ལགས། བུ་མོ་སྒྲོལ་མ་ལགས། གཞས་སྐད་ནི་སེམས་ལ་སོང་བ། དེ་འདྲའི་སྙན་འཇེབས་པོ་མེད་ན་ཡང་། ཕ་གཞས་གཙང་མ་ལེན་པའི་ཤ་ཚ་མོ་ཡོད། བུ་མོ་སྒྲོལ་མ་ལགས། བུ་མོ་སྒྲོལ་མ་ལགས། བུ་ཆུང་ཚེ་རིང་ལགས། གཞས་སྐད་ནི་སེམས་ལ་སོང་བ། དེ་འདྲའི་སྙན་འཇེབས་པོ་མེད་ན་ཡང་། ཕ་གཞས་གཙང་མ་ལེན་པའི་ཤ་ཚ་མོ་ཡོད། ཕ་གཞས་གཙང་མ་ལེན་པའི་ཤ་ཚ་མོ་ཡོད། ཕ་གཞས་གཙང་མ་ལེན་པའི་ཤ་ཚ་མོ་ཡོད། ཕ་གཞས་གཙང་མ་ལེན་པའི་ཤ་ཚ་མོ་ཡོད།