雅龙藏布 ལྷུང་ལྷུང་གི་བཞུར་སྒྲ་རེ་རེས་ང་ཚོ་ལ་འབོད་སྐུལ་བཏང་བྱུང་། ཞི་བདེ་ཡི་འཕྲིན་པ་འཁྱེར་ནས་དཀྱོག་རོང་དང་ལམ་ཕྲེང་བརྒྱུད་དེ། ཨ་་་་་་ ཞི་བདེ་རྒྱ་མཚོ་ལ་འདྲེས་དུས། ང་ཡི་རླབས་ཆེན་གྱི་མ་མ། ཡར་ཀླུང་གཙང་པོ། ལྷུང་ལྷུང་གི་བཞུར་སྒྲ་རེ་རེས་འཚེ་མེད་ཞི་བདེ་ཡི་ཕྱྱྭ་གཡང་། མིའི་རིགས་ལ་ཡང་ཡང་གཏོང་དུས་ང་ཚོའི་ཟུངས་ཁྲག་གི་དྭངས་མ། ཨ་་་་་་་་ དུས་ལྟར་ལོ་ཟླ་དང་བསྡེབས་ནས། བསང་དུད་ཀྱི་ཀློང་ནས་ཁྱེད་མཆོད། ཡར་ཀླུང་གཙང་པོ། ལྷུང་ལྷུང་གི་བཞུར་སྒྲ་རེ་རེས་འགྲོ་དྲུག་ལུས་ལ་སྒོམ་བཞིན། ཁམས་གསུམ་ལ་བདེ་སྐྱིད་སྩོལ་དང་ང་ཚོའི་གླུ་ཆུང་གི་དྭངས་མ། ཨ་་་་་་་་་ སྙན་འཇེབས་དབྱངས་རྟ་ལ་སྒྲེང་ནས། གངས་དཀར་གྱི་ཀློང་ནས་ཁྱེད་མཆོད། ཡར་ཀླུང་གཙང་པོ།