巴塘姑娘 作词 : 让扎 作曲 : 三智才让 དངུལ་དཀར་མེ་ཏོག་རལ་བའི་སྟེང་ན་སིང་སེ་སིང་། མེ་ཏོག་དཀྱིལ་གྱི་བྱུ་རུའི་འོད་མདངས་འཁྱུགས་སེ་འཁྱུག བུ་མོ་ཞོགས་པའི་ཞིང་ཚིགས་བར་ན་ལྡེམས་སེ་ལྡེམ། ཁྱུང་དཀར་མཛོ་ཡི་རྗེས་ན་ས་བོན་ཤགས་སེ་ཤག འཇའ་ཚོན་སྣ་ལྔའི་སྐྲ་ལིང་རྒྱབ་ན་ལིངས་སེ་ལིང་། སྐྲ་ལིང་འདབས་ཀྱི་རལ་ཤུབས་ཅ་ལ་ཤིགས་སེ་ཤིག བུ་མོ་ཞིང་ཆུང་གྲུ་བཞིའི་ནང་ན་སྒུར་སེ་སྒུར། རྩྭ་མགོའི་ཟིལ་བ་ལོ་མའི་སྟེང་ན་མེར་སེ་མེར། མགོ་རས་དམར་པོ་རླུང་བུའི་ཁྲོད་ན་ལྷབ་སེ་ལྷབ། དཀར་དམར་འཛོམས་པའི་གདོང་ནས་རྔུལ་ཆུ་ཐིགས་སེ་ཐིག དངུལ་དཀར་ཟོར་བ་ཉི་མའི་འོག་ན་ལམས་སེ་ལམ། གསེར་མདོག་ལྡན་པའི་ལོ་ཡག་སྙེ་མ་ཤིགས་སེ་ཤིག གསེར་མདོག་ལྡན་པའི་ལོ་ཡག་སྙེ་མ་ཤིགས་སེ་ཤིག